Dienstag, 2. Oktober 2012



 ། ལྷང་ལྷང་དྲན།

བྱེའུ་ཆུང་འཇོལ་མོས་གསུངས་བཤད་སྐྱོན་སྐབས།
ང་ཡི་ཨ་མ་ལྷང་ལྷང་དྲན།

མཐའ་ཡས་རྒྱ་མཚོའི་རྦ་རླབ་མཐོང་དུས།
ང་ཡི་ཆུང་དུས་ལྷང་ལྷང་དྲན།

དྲི་ཞིམ་མེ་ཏོག་རྣ་ལམ་བདུལ་དུས།
ང་ཡི་ཆུང་འདྲིས་ལྷང་ལྷང་དྲན།

དགོང་མོའི་ཉི་མ་ནུབ་རེར་བརྒལ་དུས།
ང་ཡི་ཕ་ཡུལ་ལྷང་ལྷང་དྲན།
༢༠༡༢་༡༠་༠༢ ཉིན།