Mittwoch, 23. Dezember 2009

༄་། ཡུལ་ཁ་བའི་ལྗོངས་ཀྱི་དྭ་ཕྲུག
      གནས་རྒྱུད་མེད་མི་ཡི་ཡུལ་དུ།
     ས་རྒྱུད་མེད་རེ་རེ་འགྲིམས་པས།
    སེམས་དབང་མེད་ཨ་མ་དྲན་བྱུང་།


   མདང་ནུབ་པའི་རྨི་ལམ་ནང་ལ།
  བརྩེ་ཆེ་བའི་ཡུམ་དང་མཇལ་བྱུང་།
  ཐུགས་བྱམས་བརྩེ་ཅན་གྱི་ཕྱག་གིས།
  བུ་ང་ལ་བྱིལ་བྱིལ་གནང་བྱུང་།


  བྱམས་བརྩེ་བ་ཅན་གྱི་མ་ཡུམ།
  ལས་མི་རྟག་འཆི་བས་འདས་པས།
  བཀའ་དྲིན་ལན་མ་གསོས་བུ་ངའི་།
 སེམས་འགྱོད་སྡུང་ཁོ་ནས་མནར་བྱུང་།

Keine Kommentare:

Kommentar veröffentlichen