Montag, 26. Oktober 2009

དེད་དཔོན་

༄་། རེ་འདོད།

དུས་ཚོད་ཉག་ཕྲའི་སྐབས་ཤིག
ལོ་རྒྱུས་གནད་འགག་མཚམས་ཤིག
གདོད་མའི་མི་རིགས་ཤིག་གི
ལས་དབང་བདག་ཉིད་ཅན་མཆོག
ལས་སྨོན་དམ་ཚིགས་བཟང་བས།
ཁ་བ་ཅན་དུ་ཞབས་ཆགས།

ཉིན་དེ་ནི་ ཁ་བ་ཅན་པའི་རྒྱལ་ཁ་ཡིན།
ཉིན་དེ་ནི་ ང་ཚོའི་བསོད་ནམས་ཡིན།


Hope
In this critical era,
in an important historical turning point,
for this ancient nation
you are our only soul
you were born in the land of snow,
on this day, as our hope, as our dignity,
on this very day, you came as our hope, our victory.



༄་། སྤྱན་རས་གཟིགས་དབང་མི་ཡི་གཟུགས་སུ་འཁྲུངས་
ཞི་བདེའི་དེད་དཔོན་རྒྱ་མཚོའི་མཚན་ཅན་མཆོག
མཁའ་མཉམ་འགྲོ་བའི་དོན་དུ་ཞལ་ཆེམས་གསུམ།
མི་སེམས་བཟང་བཞིན་ཀུན་ཁྱབས་སེམས་འཁུར་དང་།
ཆོས་ལུགས་མཉམ་མཐུན་བརྩེ་བཀུར་དང་དུ་ལེན།
གངས་ཅན་བདེན་མཐའ་བདེན་པའི་བརྩོན་ལེན་དག
གང་གིས་མཛད་པའི་བླ་མེད་ཐུགས་དགོངས་ནི།
འཇིག་རྟེན་འདི་ལ་ཕན་པའི་སླད་དུ་མཛད།
སྲོལ་བཟང་དེ་ནི་ཡུན་དུ་གནས་གྱུར་ཅིག

Keine Kommentare:

Kommentar veröffentlichen